《洞》影评:ཁུང་། 洞

影评 3个月前 站长
42 0 0

ཁུང་།

སྣེ་གཅིག་ལྕགས་སྒྲོག་ལག་སྒྲོག་བརྒྱབ་ནས་གཞན་དབང་དུ་གྱུར་བའི་བཙོན་མ་ཡིན་ལ། སྣེ་གཅིག་ནི་གར་འགྲོ་འདིར་འདུག་ལ་རང་དབང་ཡོད་པའི་རྒྱལ་ཁམས་པ་ཡིན། འོན་ཏེ་ཁུང་གི་སྣེ་གཅིག་ནས་སྣེ་གཞན་པར་ཐར་རྒྱུ་དེ་ཅི་འདྲའི་དཀའ་བ་ཞིག་རེད་ཨང་། དེ་ལ་གཅིག་ནས་བློ་དང་བཀོད་པ་དགོས་པའི་མི་ཚད། སྟེས་དབང་དང་སྟབས་ལེགས་བྱུང་དགོས་ལ། ལྷག་དུ་མི་ལོ་དུ་མའི་དཀའ་སྤྱད་སྡུག་རུས་ངང་གཅིག་བརྐོ་གཉིས་བརྐོ་ངང་རུས་སྦལ་ནུར་འགྲོས་བྱེད་དགོས། དེ་ཐམས་ཅད་ཚགས་སུ་ཆུད་ནའང་སྔར་བཞིན་གཞན་མིས་ཤེས་ངེས་ལ་ལྷག་དུ་རང་མིས་གཡོ་བཙོང་བྱེད་ངེས།

ཁུང་།

ཡང་གཅིག་བཤད་ན། མ་གཞི་ནས་བྲོས་ནས་ཐར་ས་མེད་ལ། བྲོས་ནས་གང་ལ་འགྲོའམ། ཁང་པ་གཅིག་ནས་བྲོས་རྗེས་སླར་ཡང་ཁང་པ་གཞན་ཞིག་ན་ཡོད་ལ། ཁུང་བུ་གཅིག་ནས་ཐར་རྗེས་སླར་ཡང་ཁུང་བུ་གཞན་ཞིག་ཏུ་ཚུད་འགྲོ ལྷག་ཏུ་གཡོ་སྒྱུ་དང་ཁྲམ་ལས། རེ་དོགས། ཕམ་ལྟys.urlsdh.com 片子导航。ུང་། སྡུག་བསྔལ་སོགས་ལས་ཐར་དུ་མེད་ལ། དེ་ལས་ལྡོག་སྟེ་ཅི་ཙམ་བྲོས་པ་དེ་ཙམ་གྱིས་ཐར་དུ་མེད་ལ་སྔར་ལས་འཆིང་བའོོ།།

ཁུང་།

དེ་བས། ཁུང་བུ་ངོ་མ་ནི་མི་སེམས་ཡིན་ལ། མི་སེམས་ཀྱི་ནག་དོང་དང་རབ་རིབ། ཁུག་དོང་། ན་ཁུག ཁུང་བུ་ལས་ཐར་ན་དེ་ནི་ཐར་བ་ངོ་མ་ཡིན། འཁྲབ་སྟོན་པ་ཁི་ལོ་ཏིས་གཅིག་བྱས་ན་གྲོགས་པོ་གཡོ་བཙོང་བྱས་པས། ཁོ་རང་ཆེས་ཁྲག་ཁོལ་ས་དེ་ཡིན་ལ་སྙིང་རྗེ་ས་དེའང་ཡིན་ངེས་ལ། ནམ་ཡང་རང་སེམས་ཀྱི་འཆིང་སྒྲོག་ལས་ཐར་གྱིན་མེད་པས་མུན་པ་དགུ་འཐིབས་ཀྱི་ནག་ཁུང་ཆེ་ཤོས་དེ་ཁོའི་སེམས་སུ་ཡོད་པས། ཁོ་ནི་བཙོན་ལས་ཐར་དང་མ་ཐར་གང་ཡུང་རུང་སྟེ། ནམ་ཡང་རང་སེམས་ཀྱི་མུན་ཁུང་ལས་ཐར་དུ་མེད་པས། གྲོགས་པོ་ཚོས། སྙིང་རྗེ་བའི་ཁི་ལོ་ཏི་ཟེར་བ་ཅིས་མ་བདེན། ཡང་ཁོའི་གྲོགས་པོ་ཚོ་བཙོན་ལས་ཐར་མ་ཐུབ་པས་ང་ཚོ་ཁོ་ཚོའི་ལས་དབང་ལ་ཞེ་རེ་ཁྲེལ་མོད། འོན་ཀྱང་ཁོ་ཚོ་དང་ཐོག་ནས་ཕྱི་ཡི་ལྕགས་སྒྲོག་ལས་ཐར་ནས་རང་དབང་གིས་འཚོ་ཞིང་། མལ་ན་ལུས་ཡོད་ལ། ལུས་ན་སེམས་ཡོད་ཅིང་། སེམས་ན་ལྷོད་ཡོད་པས། ཞི་བའི་ངང་དུས་སྐད་ཅིག་མ་རེ་རེར་དྲན་པ་ཉེ་བར་འཚོ་བས། ཁོ་ཚོ་བཙོན་ལས་ཐར་རུང་མ་ཐར་རུང་མི་སེམས་ཀྱི་མུན་པ་སེལ་ཏེ་སེམས་ཉིད་འོད་གསལ་ངང་འཚོ་བས་ཁོ་ཚོར་དོན་དམ་ཐོབ་ཤོར་ཟེར་བ་ཡང་བཤད་དུ་མེད་པར་རང་འོད་རང་གསལ་དུ་འདུག

ཁུང་།

ཁུང་ནི། མིག་མཐོང་ལག་ཟིན་གྱི་ཁུང་དེ་ཡིན་ལ་ཡང་དེ་མ་ཡིན། ཡང་ན་ཁུང་ནི་མི་རེ་རེའི་སེམས་ཀྱི་གཏིང་ཟབ་སར་སྦས་པ་དེ་ཡིན་ལ་ཡང་དེ་མ་ཡིན། གང་ལྟར་གང་ཡིན་རུང་། ད་ལྟ་ད་དུང་ཡང་ཡིད་ཆེས་ཐབས་མེད་པ་ནི། ཁོ་ཚོ་བཙོན་ལས་ཐར་མ་ཐུབ་པར་སླར་ཡང་མཐའ་དང་ཕུགས་མེད་པར་བཙོན་ནས་འདུག་དགོས་པ་དེ་རེད། དེ་བས། ངས་ཁོ་ཚོ་ཐར་ན་བསམ། ཁོ་ཚོ་ཐར་བས་ང་ལ་ཡང་ཐར་བ་གང་ཞིག་ཐོབ་ངེས་པ་དང་འདྲ་ལ་དགེ་བ་གང་ཞིག་ཡོད་པ་འདྲ། དེ་མིན་ཚེ་རང་གཞན་གང་ཡིན་ཡང་མུན་ཁུང་གང་ཞིག་ལས་མུ་མཐུད་སྡོད་དགོས་པ་འདྲ།

ཁུང་།

ཁུང་ལས་ཐར་འགྲོ་རྒྱུ་ན་བསམ་མོད། ཐར་མ་ཐུབ་དུས་ང་ཚོར་ནམ་ཡང་བརྗེད་དུ་མེད་པའི་བག་ཆགས་འཇོག་ངེས་ལ། གློག་བརྙན་གྱི་རླབས་ཆེ་ས་དེའང་འདི་ན་ཡོད་ལ། ཡང་གཅིག་བཤད་ན། གཡོ་བཙོང་མཁན་ཡང་སྣང་ལ་མ་ངེས་པ་དེ་ཡང་ཡག་ཐག་ཆོད།

མང་པོ་ཞིག་བཤད་བཤད་སོང་མོད། ད་རུང་ཡང་ཅི་ཞིག་མ་ཤོད་པ་འདྲ་ལ། ཅི་ཞིག་འཆད་རྒྱུར་ལྷགས་ཡོད་པ་འདྲ་ལ། ཡང་ཅི་ཡང་ཤོད་མི་ཐུབ་པ་འདྲ།

版权声明:站长 发表于 2022年3月5日 上午8:35。
转载请注明:《洞》影评:ཁུང་། 洞 | 影视导航

相关文章

暂无评论

暂无评论...